རྒྱ་ནག་གི་བོད་ཀྱི་རིག་གནས་ངོས་འཛིན་རྩ་མེད་གཏོང་ཐབས་བྱེད་པ།

རྒྱ་ནག་གཞུང་གིས་བོད་ཕྲུག་གི་ཕ་མ་རྣམས་ལ་བཙན་དབང་གི་སོ་སོའི་ཕྲུ་གུར་ཐག་རིང་རྒྱ་སྐད་སློབ་ཁྲིད་བྱེད་པའི་གཏན་སྡོད་སློབ་གྲར་གཏོང་དགོས་བཟོ་བ་འདི་དག་ནི། མ་འོངས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་ངོ་བོ་སོགས་གཏན་དུ་རྩ་མེད་གཏོང་ཐབས་ཀྱི་སླུ་བྲིད་ཀྱི་འཆར་གཞི་ཞིག་རེད།

རྒྱ་ནག་གི་བོད་ནང་ཡོད་པའི་སྐད་ཡིག་གི་སྲིད་ཇུས་དེ་སྐད་གཉིས་ཤན་སྦྱར་ཞེས་འགྲེལ་བཤད་རྒྱག་གི་ཡོད་ནའང་། དོན་དངོས་ཐོག་བོད་ཀྱི་སྐད་ཡིག་ཐོག་ཡོད་པས་སློབ་གྲྭ་རྣམས་བཙན་སྐུལ་གྱི་སྒོ་རྒྱག་བཅུག་པ་དང་མཐའ་ན་སྔོན་འགྲོའི་སློབ་གྲྭའི་ཕྲུ་གུ་རྣམས་བཙན་དབང་གི་རྒྱ་སྐད་ནང་སློབ་གཉེར་བྱེད་དུ་བཅུག་གི་ཡོད། གོང་གི་སྲིད་ཇུས་དག་ནི་ཆེད་དུ་དམིགས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྣམས་རྩ་མེད་གཏོང་ཐབས་ཞིག་རེད།

རྒྱ་ནག་གི་རྩ་ཁྲིམས་འོག་བོད་མི་ཚོར་བོད་ཀྱི་སྐད་ཡིགཐོག་སློབ་སྦྱོང་བྱེད་ཆོག་བའི་ཐོབ་ཐང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ ༼བྱིས་པའི་དབང་ཆའི་ཆིངས་ཡིག༽ ལ་གཞིགས་ན། རྒྱ་ནག་སྲིད་གཞུང་ལ་བོད་ཡིག་སློབ་ཁྲིད་བྱེད་པའི་འོས་འགན་ཡོད།

ལོ་བཅུའི་སྔོན། རྒྱ་ནག་གི་བོད་ནང་དུ་ཡོད་པའི་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་བོད་པའི་སློབ་གྲྭ་ཁག་མེད་པ་བཟོ་རྒྱུའི་འཆར་གཞི་དེར། བོད་མི་དགེ་རྒན་དང་སློབ་ཕྲུག་སྟོང་ལས་བརྒལ་བ་ཁྲོམ་གཞུང་དུ་ཡོད་པའི་ཉེན་རྟོགས་དཔུང་དམག་ལ་འཇིགས་ཞུམ་མེད་པའི་ཐོག་ངོ་རྒོལ་སྐད་འབོད་དང་སྲིད་གཞུང་ལ་གཉེན་ཞུ་སོགས་ཀྱི་ལས་འགུལ་དུ་མ་སྤེལ་ཡོད་པ་དང་། སྐབས་དེའི་འབོད་སྒྲ་གཙོ་བོ་གཅིག་ནི་བོད་ཀྱི་སྐད་ཡིག་རང་དབང་དགོས་ཟེར་བ་དེ་ཡིན།

གནས་སྐབས་རིང་བོད་མི་ཚོར་རྒྱལ་ཁ་ཐོབ་ཡོད་ནའང་། དེང་སྐབས་བསྐྱར་དུ་ཁོང་ཚོའི་སློབ་གྲྭ་ཉེན་ཁ་ནང་དུ་ལྷུང་ཡོད།

བོད་མི་ཚོར་མི་རིགས་དབྱེ་འབྱེད་ཀྱི་སྲིད་འཇུས་དེ་ལ་ཐབས་རྩོད་བྱེད་པ་མ་ཚད་རང་གི་སྐད་ཡིག རིག་གཞུང་སོགས་གསོན་པོ་དང་འཕེལ་རྒྱས་བྱེད་ཆེད་ཁྱོད་ཀྱི་རོགས་དགོས་འཁོ་ཆེ།

བོད་སྐད་བཤད།

ཁམས་ནས་ཡོང་བའི་བོད་ཀྱི་གྲགས་ཅན་གླུ་པ་ངག་དབང་བསྟན་འཛིན། བོད་སྐད་བཤད་ཞེས་པའི་གླུ་གཞས་དེ་བོད་ཤར་ཕྱོགས་ནས་ཕྱི་ལོ་ ༢༠༡༢ ལོར་འབྲེམས་སྤེལ་བྱས། གླུ་གཞས་དེས་བོད་པས་བོད་སྐད་ཤོད་པ་དང་། བོད་ཀྱི་རིག་གནས་སློབ་སྦྱོང་བྱེད་པ། བོད་པ་ཞིག་ཡིན་པའི་ངོས་ནས་གཟི་བརྗིད་དང་མཐུན་སྒྲིལ་གཅིག་གྱུར་ཡོང་བ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
རི་མཐོ་ས་གཙང་ནས་ཡིག་སྒྱུར་བྱེད།

ང་ཚོ་སུ་རེད།